ནང་འཛུལ། / དེབ་སྐྱེལ།

ཡིག་མཛོད།

ཉེ་ཆར་གྱི་ཞིབ་འཇུག་རྩོམ་ཡིག

བོད་ཀྱི་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་ལ་དཔྱད་པ།

ལར་བོད་བརྒྱུད་ཅེས་པའི་ཐ་སྙད་ཅིག་རང་རེའི་ཆོས་དང་རིག་གནས་གང་འཆད་པ་ན་དེའི་མགོར་སྦྱོར་བ་དེང་སྐབས་རྒྱུགས་ཆེ་ཡང་དེ་འཐད་པར་མ་མཐོང་སྟེ། སྔོན་མ་འདི་འདྲའི་ཐ་སྙད་མཁས་པའི་གསུང་ན་གཏན་མེད་པ་གང་ཞིག་ལ། སྤྱིར་བཏང་རང་རེའི་ནང་རིག་པ་གཙོ་བོ་ཡིན་པའི་རིག་པའི་གཞུང་མང་པོའི་ཁུངས་རྒྱ་གར་ལ་ཐུགས་ཡོད་པ་བདེན་དུ་ཆུག་ཀྱང་།

ཐོན་མིའི་བསྟན་བཅོས་བརྒྱད་ཀྱི་མཚན་དོན་སློག་པ།

སློབ་དཔོན་ཐོན་མི་ནི་བོད་རང་གི་ཆབ་དཔལ་རིག་གསུམ་ལ་མཛད་རྗེས་བླ་ན་མཐོ་བའི་རྒྱུ་སྐར་གྱི་གྲངས་བཞིན་མཆིས་པའི་དམ་པ་མང་པོའི་ནང་ནས། གནས་སྐབས་ཀུན་ཏུ་ཕྲིན་ལས་ཀྱི་འོད་སྣང་མངོན་པར་འཕྲོ་བའི་རྒྱུ་སྐར་གྱི་རྒྱལ་པོ་ཡིན་ཞེས་བཤད་ཆོག་ལ། ཁོང་གི་ཐུགས་གཤིས་དང་ཤེས་རབ་ཀྱི་གཟི་འོད་ནི་བོད་རང་གི་ས་མཚམས་ལས་བརྒལ་ཏེ་

ནུབ་སོག་ཇུན་གར་བས་རྡོར་སྨིན་གཙོས་རྙིང་དགོན་ཁག་གཏོར་དགོས་པའི་རྒྱུ་རྐྱེན་ལ་དཔྱད་པ།

དེ་ཡང་དུས་རབས་བཅུ་བདུན་པའི་སྨད་དང་བཅོ་བརྒྱད་པའི་སྟོད་ཙམ་ལ། ཇུན་གར་བའི་དྲག་པོའི་དཔུང་གིས་དབང་སྒྱུར་བཞིན་པའི་ཨེ་ཤ་ཡའི་དབུས་ཁུལ་ཏེ་ལི་ཡུལ་ལམ་དེང་གི་ཤར་ཏུར་ཁེ་སི་ཐན་དང་། དགའ་ལྡན་ཕོ་བྲང་བའི་ཁྱབ་ཁོངས་ཀྱི་བོད་དང་། ཕྱི་སོག་ཧལ་ཧ་དང་ནང་སོག་ཆ་ཧར་ཐུ་མེད་སོགས་ཀྱི་ཁྱབ་ཁོངས་སོག་ཡུལ་ལྷོ་བྱང་བཅས་སུ།

ཞང་ཞུང་ཤེས་རིག་ལས་ཇུ་ཐིག་ཅེས་པའི་ཐ་སྙད་ལ་དཔྱད་པ།

།ཞང་ཞུང་ཤེས་རིག་ནི་ཡ་ཐོག་མི་རབས་མང་པོའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་ཀྱི་ལེགས་བྱང་། བསམ་པའི་འཁྱེར་སོ་སོགས་དང་འབྲེལ་བ་ཆེ་ལ་སྒོས་སུ་ལོ་རྒྱུས་ཐོག་ཞང་ཞུང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གཞི་མ་དང་། ཤེས་རིག་གི་ཕ་ས། ཆོས་ལུགས་ཀྱི་འབྱུང་ཁུངས། སྲོལ་རྒྱུན་གྱི་རྩ་བར་གྱུར་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱ་དཀར་ནག་དང་བལ་ཡུལ།

གསོ་རིག་རྒྱུད་ཀྱི་འདྲ་དཔེ་ལས་“རྟ་བབས”ཞེས་པའི་དོགས་གནས་གསར་དཔྱད།

གསོ་རིག་རྒྱུད་བཞི་ལས་འདྲ་དཔེ་སྔ་ཕྱི་གསུམ་ཙམ་ཡོད་པ་ལས།  གཉིས་པ་བཤད་རྒྱུད་ཀྱི་འདྲ་དཔེ་ནི་མིའི་ལུས་དང་དོན་སྣོད། གཉན་པའི་གནད་བཅས་རྒྱལ་པོ་དང་དེའི་ཕོ་བྲང་གི་གཟུགས་སུ་དཔེ་དྲངས་ནས་བསྟན་པ་དང་། དེའང་དབྱིབས་དང་བྱེད་ནུས་ཀྱི་ནང་དོན་གཙོ་ཆེར་བྱས་ཏེ་དཔེ་རུ་བཀོད་ཐབས་ཤིག་ཡིན་པ་[1]མེས་ཞལ་དུ། ཤ་པགས་རྩ་རུས་དོན་སྣོད་ཀྱི་དབྱིབས་ཆེ་ཆུང་།

ཨེ་ཤ་ཡའི་དེང་རབས་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་ལ་བསྐྱར་དུ་བསམ་བློ་གཏོང་བ།

ད་ལྟ་འཛམ་གླིང་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་ཆ་ཚང་ཡོད་པའི་རྒྱལ་ཁབ་བརྒྱ་དང་དགུ་བཅུ་གོ་གསུམ་ཡོད། རྒྱལ་ཁབ་དེ་དག་ཚང་མ་ཆེ་ཆུང་དང་། བཙན་གཉོམ། དབུལ་ཕྱུག་ཡོད་མེད་སོགས་ལ་མ་ལྟོས་པར། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཚང་མ་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད།[3] དེ་བཞིན་ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་ཚང་མར་ཚད་ལྡན་

བཀའ་དྲུང་ཤེལ་དཀར་མི་འགྱུར་གླིང་པའི“རང་ཚུལ་བརྗོད་པའི་ཀ་བཤད་”ཀྱི་རྒྱབ་མདུན་ལ་དཔྱད་པ།

༡ བོད་ཀྱི་ཐུན་མིན་ཀ་བཤད་རྩོམ་ལུགས་ནི་དར་ཁྱབ་ཧ་ཅང་ཆེ་བའི་རྩོམ་ལུགས་རང་མཚན་པ་ཞིག་ཏུ་གྱུར་ཀྱང་དེའི་གོ་དོན་གཅིག་འགྱུར་ཞིག་ད་བར་བྱུང་མེད། ཀ་རྩོམ་ལ་བྱང་བྱན་ཆུབ་པའི་བོད་ལྗོངས་ཀྱི་རྩོམ་པ་པོ་ལྷུན་གྲུབ་རྣམ་རྒྱལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་ཀ་བཤད་ཅེས་པ་ནི། བོད་ཀྱི་གསལ་བྱེད་སུམ་ཅུ་རྣམས་གོ་རིམ་ལྟར་ལུགས་འབྱུང་དང་

དབྱར་མཆོད་གར་འཆམ་ཆེན་མོའི་བྱུང་བ་དང་དེའི་ཚུལ་ལ་ཅུང་ཟད་དཔྱད་པ།

ག་ལུང་མར་ཐང་རི་བོ་ཆེ་དགོན་པའི་དུས་མཆོད་ཆེན་མོ་བཞི་ལས། མིང་ལ“དབྱར་མཆོད”ཅེས་ཟེར་བའི་དུས་ཆེན་འདི་ཉིད་ལོ་རྒྱུས་ཡུན་རིང་དང་ལྡན་ཞིང་། དད་ལྡན་ལྷ་འབངས་རྣམ་པའི་སེམས་ཀྱི་གཏིང་རུམ་དུ་རྩ་བ་བརྟན་པོར་ཚུགས་ཟིན་པའི་གལ་ཆེན་རང་བཞིན་ཅན་གྱི་དངོས་མིན་རིག་གནས་ཤུལ་བཞག་ཅིག་སྟེ། ཆོས་ལུགས་དང་འབྲེལ་བའི་བོད་ཡུལ་གྱི་གནའ་བོའི་དུས་མཆོད་

ཕག་མོ་གྲུ་པའི་སྲིད་དབང་འཛུགས་སྐབས་ཧོར་གྱི་རྒྱབ་སྐྱོར་ཡོད་མེད་ལ་ཅུང་ཟད་དཔྱད་པ།    

དེ་ཡང་སྐབས་སུ་བབས་པ་དཔལ་ལྡན་ཕག་མོ་གྲུ་པའི་སྲིད་དབང་ཐོག་མར་འཛུགས་མཁན་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་བྱ་བ་གང་ནི། རླངས་ཀྱི་རིགས་རྒྱུད་འབྲི་གུང་པའི་དཔོན་རིན་ཆེན་སྐྱབས་ལ་སྐུ་ལྕམ་གཉིས་ཡོད་པ་ལས། ཆུང་བ་ཁྲ་སྨོན་འབུམ་སྐྱིད་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་སྟག་སྟེ་ཕྱི་ལོ་ ༡༣༠༢ ལོར་སྐུ་འཁྲུངས།

ཚིགས་བཅད་སྙན་ངག་གི་གོ་དོན་འགྱུར་ཚུལ་ལ་དཔྱད་པ།

སྤྱིར་ང་ཚོ་བོད་ལ་སྙན་ངག་ཅེས་པ་སྔ་མོ་ཞིག་ནས་དར་ཡོད་པ་སྲིད་པ་ཆགས་གླུ་དང་བཙན་པོའི་རྒྱལ་རབས་སྐབས་ཀྱི་མགུར་གླུ་དག་ནས་ཤེས་ཐུབ། ཡིན་ཡང་། སྙན་ངག་ཅེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་བ་དང་། ཇི་ལྟར་བྱུང་བ་སོགས་གསལ་བོ་ཞིག་མཐོང་རྒྱུ་མེད། དེ་བས་དཔྱད་རྩོམ་འདིར་དེ་དག་གསལ་བོར་བྲིས་ཡོད་ལ། དེ་ལས་གཞན་དུས་རབས་མི་འདྲ་བ་དང་བསྟུན་

ཀླད་པ་དང་སེམས་ཀྱི་སྐོར་གླེང་བ།

འགྲོ་བ་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་དུ་སེམས་དང་ཀླད་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་། དཔྱད་ཞིབ་བྱེད་མིན་ལ་མ་བལྟོས་པར། གནས་ཚུལ་གང་ཞིག་ཐག་གཅོད་བྱེད་པ་དང་། སློབ་སྦྱོང་བྱེད་པ། དམིགས་ཡུལ་འཛིན་པ། ཡར་རྒྱས་གཏོང་བ་སོགས་ཀྱི་བྱ་སྤྱོད་རེ་རེའི་རྒྱབ་ལྗོངས་ན་སེམས་སམ་ཀླད་པའི་སྟངས་འཛིན་རེ་རེ་ཡོད་པ་མ་ཟད།

བོད་དང་ས་འབྲེལ་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཀཱ་མཱ་རཱུ་པ་གླེང་བ།

དེ་ཡང་ཀཱ་མཱ་རུ་པ་[1]ཞེས་པའི་ཡུལ་གྲུ་དེ་ནི་རྒྱ་གར་ཤར་ཕྱོགས་སུ་ཡོད་པའི་གནའ་བོའི་བཙན་པོའི་རྒྱལ་ཁབ་ཅིག་གི་མིང་ཡིན་ཞིང་། ཡུལ་གྲུ་དེ་ནི་བོད་དང་ས་འབྲེལ་དུ་གནས་ཡོད། ཇོ་ནང་ཏཱ་ར་ནཱ་ཐས་རྒྱ་གར་ཤར་ཕྱོགས་ལ་དུམ་བུ་གསུམ་སྟེ། བྷཾ་ག་ལ་དང་། ཨོ་ཌི་བི་ཤ་ཉི་འོག་ལ་གཏོགས་པས་ཉི་འོག་ཤར་ཕྱོགས་ཟེར། བྱང་ཤར་གྱི་ཡུལ་ཀཱ་མ་རཱུཔ། ཏི་པུ་ར།

རིག་བྱེད་མཐའ་པའི་ལྟ་གྲུབ་ཁྲོད་ཚངས་པའི་རྣམ་གཞག

དོན་དམ་དུ་འགྲོ་བ་མི་ཡི་རིགས་ནི་ཆོས་ཕྱོགས་ཀྱི་ཤེས་རབ་གཅིག་པུར་བརྟེན་ནས་གནས་ཐུབ་པ་ཞིག་ལས་གནད་དོན་གཞན་ཞིག་ལ་བརྟེན་ནས་ནི་མ་ཡིན། དེར་རིག་བྱེད་གསང་བ་པའི་གཞུང་ལུགས་ཁག་ནི་ཆོས་ཕྱོགས་ཀྱི་ཤེས་རབ་དེ་དག་འབྱུང་བའི་ཁུངས་གཙོ་བོ་ཞིག་ཡིན་པ་མ་ཟད། རིག་བྱེད་ཆོས་ལུགས་ཀྱི་རྩ་བའི་སྒྲོམ་གཞིར་འགྱུར་བ་མེད་པའི་

མཆན་བུ་གསར་ཤོས།

Alert! You can not copy the content of this page.